༧གོང་ས་མཆོག་གི་རྣམ་ཐར་བཙན་བྱོལ་ནང་གི་རང་དབང་གི་བཅུད་འགྱུར།

ལོ་འདི་ནི་ ༧གོང་ས་མཆོག་གི་མཆོད་སྟོན་དང་མཉམ་པར་སྙིང་རྗེའི་ལོ་ཡིན་པས། ངས་འདིར་༧གོང་ས་མཆོག་གི་རྣམ་ཐར་བཙན་བྱོལ་ནང་གི་རང་དབང་ཞེས་པའི་དེབ་དེའི་བཅུད་འགྱུར་ཞིག་གནང་བ་ཡིན། དེའི་ནང་དུ་དེབ་དེའི་ནང་དོན་དང་འཁྲུལ་བའི་འབྲེལ་བ་ཡོད་པའི་དྲི་བ་༩༠ཚུལ་གྱིས་བཅུད་བསྡུ་བྱས་པས། འདིའི་ཐབས་ལམ་གྱིས་ཀློག་པ་པོའི་ཚོས་ལན་དེ་ཚུལ་འཚོལ་བའི་དགའ་སྟོན་འབྱུང་ཐུབ་བཞིན་འགྲོ་བར་ང་གི་གཏན་ལ་གདམས་པ་ཡིན།


བཙན་བྱོལ་ནང་གི་རང་དབང་།

༡༽ ༧ གོང་ས་མཆོག་སྤྱན་རས་གཟིགས་ཀྱི་འཁྲུངས་རབས་ག་ཚོད་དེ་རེད་དམ།

༢༽ མཱ་པུ་ཧང་སུ་རེད། ཁོང་གི་བོད་གཞུང་ལ་ཆ་རྐྱེན་གང་བཏོན་པ་རེད་དམ།

༣༽ ཆུང་དུས་སྐབས་ཕག་ཤ་དང་སྒོ་ང་ལ་དགའ་པོ་ཡོད་དམ།

༤༽ སྐྲ་ཕུད་བཞེས་གནང་མཁན་སུ་ཡིན་ནམ།

༥༽ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁ་ཆའི་འཚལ་ཁང་ཡོད་དམ།

༦༽ ཁ་ཆེ་རྣམས་བོད་ནང་གང་ནས་ཡོང་བ་ཡིན་ནམ།

༧༽ ༧ རྒྱལ་བ་རིན་པོ་ཆེ་ཆུང་དུས་སྐབས་རྩེད་ཆས་འདྲ་མིན་ཡོད་པའི་ནང་ནས་དགའ་ཤོས་དེ་གང་ཡིན་ནམ།

༨༽ ༧ རྒྱ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་དུ་དབོར་འདྲེན་གནང་བའི་ཆིབས་ཁྲོལ་གསུམ་གང་ཡིན་ནམ།

༩༽ ནོར་བུ་གླིང་ཁའི་ནང་ཡིད་དུ་འོང་བའི་ལྡུམ་ར་གང་འདྲ་ཞིག་ཡོད་དམ།

༡༠༽ ༧ གོང་ས་མཆོག་པོ་ཏ་ལ་དང་ནོར་བུ་གླིང་ཁ་གཉིས་ནས་གང་དུ་བཞུགས་པར་དགའ་པོ་བྱེད་ཀྱི་ཡོད་དམ།

༡༡༽ ༧ གོང་ས་མཆོག་སེམས་ཅན་དང་འབུ་སྲིན་གང་ལ་ཞེད་ཀྱི་ཡོད་དམ།

༡༢༽ སྐམ་ཚོགས་སྐབས་ཚོར་བ་གང་འདྲ་ཡོད་དམ།

༡༣༽ ༡༩༥༠ ནོར་བུ་གླིང་ཁར་ཡོད་པའི་སྐབས་ས་ཡོམ་གྱི་ཚོར་བ་གང་འདྲ་བྱུང་ཡོད་དམ།

༡༤༽ ༡༩༥༤ ལོར་༧ གོང་ས་མཆོག་རྒྱ་ནག་པེ་ཅིང་དུ་གང་འདྲ་འགྲུལ་འཞུད་བྱས་ཡོད་དམ།

༡༥༽ མའོ་ཙེ་ཏུང་མཉམ་དུ་ཐེངས་དང་པོར་ཐུག་འཕྲད་བྱུང་སྐབས་གང་བཤད་ཡོད་དམ།

༡༦༽ མའོ་མཉམ་དུ་ཐ་མ་ཐུག་འཕྲད་བྱུང་སྐབས་ཁོང་གི་གང་གསུངས་ཡོད་དམ།

༡༧༽ ཁྱོན་བསྡོམས་མའོ་མཉམ་དུ་ཐུག་འཕྲད་ག་ཚོད་ཙམ་བྱུང་ཡོད་དམ།

༡༨༽ ༧ གོང་ས་མཆོག་པེ་ཅིང་ལ་བདུན་ཕྲག་ག་ཚོད་ཙམ་བཞུགས་ཡོད་དམ།

༡༩༽ ༧ གོང་ས་མཆོག་གིས་མའོ་ཙེ་ཏུང་གང་འདྲ་ཞིག་ཡོད་པ་ངོ་སྤྲོད་བྱས་ཡོད་དམ།

༢༠༽ མའོ་ལ་ན་ཚ་གང་འདྲ་ཞིག་ཡོད་པ་རེད་དམ།

༢༡༽ རྒྱ་མི་རྣམས་ཀྱི་བོད་མི་རྣམས་ལ་མིང་གང་འབོད་ཀྱི་ཡོད་དམ།

༢༢༽ རྒྱ་ནག་ནང་ནེཧརུ་མཉམ་དུ་༧ གོང་ས་མཆོག་མཇལ་འཕྲད་བྱུང་སྐབས་གང་གསུངས་ཡོད་དམ།

༢༣༽ ༡༩༥༦ ལོ་མགོ་ལ་ལྷ་སའི་གནས་བཏང་གང་འདྲ་ཞིག་ལ་འགྱུར་ཡོད་དམ།

༢༤༽ ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཐོག་མར་དེ་ག་དུས་བཙུགས་ཡོད་དམ།

༢༥༽ རང་སྐྱོང་ལྗོངས་ཟེར་བའི་དོན་གང་ཡིན་ནམ།

༢༦༽ བཅིངས་འགྲོལ་དམག་མི་ཟེར་བའི་དོན་གང་ཡིན་ནམ།

༢༧༽ ༡༩༥༦ ཁམས་པ་དང་ཨ་མདོ་བ་ཚོ་ཟུང་འབྲེལ་ཐོག་ནས་རང་བཙན་གྱི་དོན་དུ་འཐབ་རྒོལ་གང་བྱས་ཡོད་དམ།

༢༨༽ ༧ གོང་ས་མཆོག་རྒྱ་གར་དུ་ Buddha Jayanti ཚོགས་ཆེན་སྐབས་མ་ཕེབས་གོང་གནས་ཚུལ་གང་བྱུང་ཡོད་དམ།

༢༩༽ སྒང་ཏོག་གི་གྲོང་ཁྱེར་ནང་འཛུལ་བཞིན་པའི་སྐབས་གནས་ཚུལ་གང་བྱུང་ཡོད་དམ།

༣༠༽ ༧ གོང་ས་མཆོག་གི་རྒྱ་དཀར་ནག་གཉིས་ཀྱི་མཐོང་ཚུལ་ཉམས་མྱོང་གང་འདྲ་བྱུང་ཡོད་དམ།

༣༡༽ རྒྱ་གར་རྒྱལ་ས་ལ་གནམ་གྲུ་བབས་རྗེས་རྒྱ་གར་གི་སྲིད་འཛིན་སུས་བསྒུགས་བསྡད་ཡོད་དམ།

༣༢༽ རྡོ་རྗེ་གདན་དང་སཱ་ར་ནཱ་ལ་ཡོད་པའི་སྐབས་གནས་ཚུལ་གང་བྱུང་ཡོད་དམ།

༣༣༽ ༡༩༥༧ ལོར་རྒྱ་གར་ནས་ཕྱིར་ལོག་བྱེད་པའི་སྐབས་མེ་འཁོར་ནང་གནས་ཚུལ་གང་བྱུང་ཡོད་དམ།

༣༤༽ ཀ་སྦུག་ཏུ་འབྱོར་རྗེས་ཀླུ་ཁང་པ་དང་ཐུག་འཕྲད་བྱུང་ནས་གནས་ཚུལ་གང་བྱུང་ཡོད་དམ།

༣༥༽ ཨ་མི་རི་ཀའི་གསང་བའི་ལས་ཁུངས་མཉམ་འབྲེལ་དགོས་སྐོར་གནས་ཚུལ་གང་བྱུང་ཡོད་དམ།

༣༦༽ ༡༩༥༨ ལོར་ ༧རྒྱལ་བ་མཆོག་གི་ནོར་བུ་གླིང་ཁར་སྤྲོ་ཁང་བཞེངས་པ་དེ་གང་འདྲ་ཡོད་དམ།

༣༧༽ ༡༩༥༩ རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པ་ནས་ཚོགས་ཐོ་ནང་གང་བཀོད་ཡོད་དམ།

༣༨༽ རྒྱ་དམག་ཚན་ཁག་བརྒྱད་ཁྱོན་བསྡོམས་དམག་མི་ག་ཚོད་ཙམ་བོད་ཤར་ཕྱོགས་ནས་འཇུགས་འགྲེམས་བྱས་ཡོད་དམ།

༣༩༽ ༧ གོང་ས་མཆོག་རྒྱ་མིའི་འཁྲབ་སྟོན་གཟིགས་མོར་ཕེབ་དགོས་མིན་སྐོར་གནས་ཚུལ་གང་བྱུང་ཡོད་དམ།

༤༠༽ སྐད་ཆ་འདི་མེ་ཤོར་བ་ལྟ་བུར་གང་སར་ཁྱབ་ནས་གནས་ཚུལ་གང་བྱུང་ཡོད་དམ།

༤༡༽ རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན། ཞེས་སྐད་འབོད་བྱེད་རྒྱུ་འགོ་ག་དུས་བཙུགས་པ་ཡིན་ནམ།

༤༢༽ བཙན་བྱོལ་དུ་འགྲོ་སྐབས་༧གོང་ས་མཆོག་གི་རྣམ་ཀུན་དང་མི་འདྲ་བ་ནམ་ཆས་གང་གྱོན་ཡོད་དམ།

༤༣༽ དཔུང་པ་གཡས་གཡོན་ལ་གང་ཡོད་དམ།

༤༤༽ བཙན་བྱོལ་དུ་བསྐྱོད་ནས་ཆུ་ཚོད་༤༨ རྗེས་ནོར་གླིང་ཕོ་བྲང་ལ་གནས་ཚུལ་གང་བྱུང་ཡོད་དམ།

༤༥༽ དཀར་པོ་ལ་ཞེས་པ་ཧིན་བོད་ས་མཚམས་སྔོན་གྱི་ལ་ཆེན་མཐའ་མ་དེར་འཛེགས་སྐབས་དངངས་སྐྲག་གི་གནས་ཚུལ་གང་བྱུང་ཡོད།

༤༦༽ བོད་ཀྱི་ས་ཐོག་ཏུ་མཚན་མོ་མཐའ་མ་དེ་གྲོང་གསེབ་གང་དུ་བཞུགས་པ་ཡིན་ནམ།

༤༧༽ ལྷུན་རྩེ་རྫོང་དུ་འབྱོར་ནས་གསལ་བསྒྲགས་གང་གན་ཡོད་དམ།

༤༨༽ ༧གོང་ས་མཆོག་རང་ཡུལ་དང་ཁ་བྲལ་བའི་སྐབས་སེམས་ཅན་གང་དུ་ཞོན་ནས་ཡོང་བ་ཡིན་ནམ།

༤༩༽ ༧གོང་ས་མཆོག་གི་མི་ཚེའི་ནང་ཞེད་སྣང་དངོས་གནས་དང་པོར་ག་དུས་སྐྱེས་ཡིན་ནམ།

༥༠༽ ལྷ་ས་ནས་ཐོན་ཏེ་བདུན་ཕྲག་ག་ཚོད་རྗེས་འབུམ་སྟེ་ལ་སླེབས་ཡོད་དམ།

༥༡༽ པཎྚིཏ་ནེཧརུ་དངོས་མ་སུ་རིར་ཆེད་ཕེབས་གནང་ནས་ཆུ་ཚོད་བཞི་ལྷག་ཙམ་བཀའ་མོལ་གང་བྱུང་ཡོད་དམ།

༥༢༽ བཀའ་མོལ་བྱུང་བའི་སྐབས་བསྒྲུབ་བྱའི་དམིགས་ཡུལ་དོན་གནད་གཙོ་བོ་གཉིས་གང་ཡིན་ནམ།

༥༣༽ ༡༩༦༠ བོད་དམག་ཁག་ཅིག་གིས་བཅིངས་འགྲོལ་དམག་མིའི་ལག་ནས་གསང་གནས་ཡིག་ཆ་ཞིག་བཙན་འཕྲོག་བྱེད་པའི་ནང་ གང་བཀོད་ཡོད་དམ།

༥༤༽ རྒྱ་གར་ནང་འབྱོར་རྗེས་བོད་མི་རྣམས་འཕྲལ་སེལ་གསོག་ཉར་བྱེད་སའི་གཞིས་སྒར་གཙོ་བོ་གཉིས་གང་དང་གང་ཡིན་ནམ།

༥༥༽ རྒྱ་གར་དང་བོད་དབར་གྱི་འབྲེལ་བ་དེ་གང་འདྲ་ཞིག་ལ་དཔེ་མཚོན་འཇོག་གི་ཡོད་དམ།

༥༦༽ ལག་ཤེས་བཟོ་གྲྭ་ཁག་གལ་ཆེ་རྩིས་ནས་ ༡༩༥༩ ལོ་མཇུག་ལ་གང་བཙུགས་ཡོད་དམ།

༥༧༽ དུས་ཚོད་ཡོལ་ཟིན་པའི་ལུགས་སྲོལ་རྙིང་པའི་རིགས་ལ་བློས་གཏོང་གང་འདྲ་བྱེད་ཡོད་དམ།

༥༨༽ མ་སུ་རིར་ནས་དྷ་རམ་ས་ལ་སྡོད་ས་གཏན་འཇགས་སྤོ་འཆར་བྱེད་སྐབས་ཕྲན་བུ་བློ་དོགས་གང་འདྲ་བྱུང་ཡོད་དམ།

༥༩༽ དྷ་རམ་ས་ལའི་ཆུ་མ་སུ་རིའི་འོ་མ་ལས་ཀྱང་ལེགས་པ་འདུག་ཅེས་གསལ་བསྒྲགས་དེ་སུས་བཤད་དམ།

༦༠༽ ༡༩༦༠ ཟླ་ ༢ ཚེས་ ༡ ཉིན་བོད་མི་རྣམས་ལྷོ་ཕྱོགས་སྦེ་ལ་ཀོ་པིར་འབྱོར་རྗེས་སེམས་ཕམ་སྟེ་ངུས་པའི་གནས་ཚུལ་གང་བྱུང་ཡོད་དམ།

༦༡༽ གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་གསལ་བསྒྲགས་བྱེད་རྒྱུའི་ལམ་སྲོལ་དང་པོ་དེ་ཕྱི་ལོ་ག་དུས་བཙུགས་པ་ཡིན་ནམ།

༦༢༽ ༧གོང་ས་མཆོག་ལ་ཕུལ་བའི་ལྷ་སའི་ཁྱི་ཨབ་སོ་གཉིས་ཡོད་པ་དེའི་གཤིས་ཀ་གང་འདྲ་ཡོད་དམ།

༦༣༽ བཀྲ་ཤིས་ཞེས་པའི་ཁྱི་དེ་སུས་འཕུལ་བ་ཡིན་ནམ།

༦༤༽ རྡོ་རྗེ་གླིང་ north point ཞེས་པའི་དབྱིན་ཇིའི་སློབ་གྲྭ་ལ་སུ་སློབ་སྦྱོང་བྱེད་དུ་གཏོང་བ་རེད་དམ།

༦༥༽ དྷ་རམ་ས་ལར་འབྱོར་བའི་ཉིན་ཞག་བཅུ་བཞིའི་ནང་ཚུད་དུ་གང་བཙུགས་ཐུབ་པ་བྱུང་ཡོད་དམ།

༦༦༽ སུད་སིསི་གཞུང་གིས་རོགས་རམ་གང་འདྲ་གནང་ཡོད་དམ།

༦༧༽ བོད་མི་མང་སྤྱི་འཐུས་ལྷན་ཁང་དབུ་འབྱེད་ག་དུས་བྱེད་ཡོད་དམ།

༦༨༽ དྷ་རམ་ས་ལར་དགུན་དུས་སྐབས་༧གོང་ས་མཆོག་གི་གཅེན་མོ་དང་ཨ་མ་ལགས་གཉིས་རྩེད་མོ་གང་རྩེ་རྒྱུར་དགའ་པོ་བྱེད་ཀྱི་ཡོད་དམ།

༦༩༽ David Howarth མཉམ་དུ་བར་གསེང་གི་དུས་ཚོད་སྐབས་སུ་གང་གནང་ཀྱི་ཡོད་དམ།

༧༠༽ སྦེལ་ཀོབ་ཏུ་ཡོད་པའི་བོད་པའི་གཞིས་ཆགས་གསར་པ་དེེར་ལྟ་སྐོར་དང་པོ་ག་དུས་ཕེབས་པ་ཡིན་ནམ།

༧༡༽ གཞིས་ཆགས་ཕལ་མོ་ཆེ་ཕྱི་ལོ་ག་དུས་ནང་འགོ་ཚུགས་པ་ཡིན་ནམ།

༧༢༽ བྷན་དྷ་ར་གཞིས་ཆགས་སུ་འགྲོ་མཁན་གཞིས་མི་ཚོ་ལ་དཀའ་ངལ་གང་བྱུང་ཡོད་དམ།

༧༣༽ སྦེལ་ཀོབ་ལ་བསྐྱར་དུ་སྐྱོད་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་དེ་གང་ཡོད་པ་ཤེས་སམ།

༧༤༽ ༡༩༦༢ སྐབས་སེམས་ཧ་ཅང་སྐྱོ་པོ་བྱུང་བ་མ་ཟད་ཞེད་སྣང་ཡང་ཆེན་པོ་བྱུང་བས་གནས་ཚུལ་གང་བྱུང་ཡོད་དམ།

༧༥༽ ནེཧརུ་མཉམ་དུ་མཇལ་འཕྲད་མཐའ་མ་དེ་ག་དུས་བྱུང་ཡོད་དམ།

༧༦༽ Indra Gandhi མཉམ་དུ་ཐུག་འཕྲད་དང་པོ་དེ་གང་དུ་བྱུང་ཡོད་དམ།

༧༧༽ ༡༩༦༤ ལོར་གཅེན་མོ་ཚེ་རིང་སྒྲོལ་མ་འདས་གྲོངས་ཕྱིན་རྗེས་ཁོང་གི་ལས་ཁུར་རྣམས་སུས་བླངས་པ་རེད་དམ།

༧༨༽ ནེཧརུའི་རྗེས་ Lal Bahadur Shastri རྒྱ་གར་གྱི་སྲིད་བློན་གནང་སྐབས་བོད་དོན་སྐོར་མཐོང་བཏང་གང་འདྲ་ཡོད་དམ།

༧༩༽ ༡༩༦༥ ལོར་རྒྱ་གར་དང་པ་ཀི་སི་ཐན་དབར་ཡང་བསྐྱར་དམག་འཐབ་བྱུང་བའི་སྐབས་དཀའ་ངལ་གང་བྱུང་ཡོད་དམ།

༽ མི་ཚེའི་ནང་མིའི་ཕུང་པོ་ཞིག་ཐག་ཉེ་པོ་ནས་མཐོང་བ་ཐེངས་དང་པོ་དེ་ག་དུས་བྱུང་བ་ཡིན་ནམ།

༨༡༽ བོད་ནང་གི་གནས་ཚུལ་རྣམས་བརྒྱུད་ལམ་གང་འདྲ་བྱེད་ནས་གོ་ཐོས་བྱུང་ཡོད།

༨༢༽ ༡༩༥༩ དང་ ༡༩༦༩ དབར་མི་མང་བ་བསད་རྨས་ག་དུས་བྱུང་བ་རེད་དམ།

༨༣༽ བཙུན་ཆས་གྱོན་མཁན་གྱི་སྤྱང་ཀི་ཞེས་པ་༧གོང་ས་མཆོག་ལ་སུས་དང་གང་བྱེད་ནས་བརྗོད་པ་ཡིན་ནམ།

༨༤༽ ༡༩༦༦ ལོར་༧གོང་ས་མཆོག་ལ་ནད་གཞི་གང་བྱུང་བ་རེད་དམ།

༨༥༽ ༡༩༦༠ ལོ་མཇུག་ལ་༧གོང་ས་མཆོག་གི་ནང་ལ་སུ་སླེབས་པ་རེད་དམ།

༨༦༽ སེམས་ཅན་གཅེས་ཉར་བྱེད་རྒྱུ་དེ་མཐའ་མ་བདག་པོ་ལ་སྡུག་བསྔལ་ཐོལ་པ་སྤྲོད་མཁན་རེད་འདུག་ཅེས་སུས་གསུངས་ཡོད་དམ།

༨༧༽ ༡༩༦༧ ལོར་རྒྱ་གར་གྱི་ཕྱི་རོལ་ཏུ་འགྲུལ་སྐྱོད་ཐེངས་དང་པོ་དེ་གང་དུ་བསྐྱོད་པ་ཡིན་ནམ།

༨༨༽ ཆན་རིག་པ་གྲགས་ཅན་ཞིག་གི་ཡི་གེ་ཞིག་འབྱོར་བའི་ནང་དྲི་བ་གང་འཁོད་ཡོད་དམ།

༨༩༽ ༡༩༨༡ ལོར་༧གོང་ས་མཆོག་གི་ཡུམ་སྐུ་གཤེགས་པའི་སྐབས་༧གོང་ས་མཆོག་ས་གནས་གང་དུ་ཡོད་དམ།

༩༠༽ ཕྱི་རྒྱལ་ཁག་ཏུ་འགྲུལ་སྐྱོད་བྱས་པ་ཚང་མའི་ནང་ནས་གལ་འགངས་ཆེ་ཤོས་དེ་ག་དུས་བྱུང་ཡོད་དམ།


།ཇི་སྲིད་ནམ་མཁའ་གནས་པ་དང་།

།འགྲོ་བ་ཇི་སྲིད་གནས་གྱུར་པ།

།དེ་སྲིད་བདག་ནི་གནས་གྱུར་ནས།

།འགྲོ་བའི་སྡུག་བསྔལ་སེལ་བར་ཤོག


Comments